现在的位置:首页 / 黄南要闻 / 部门动态

རྨ་ལྷོ་ཁུལ་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས་ཀྱིས་ ཁྲིམས་འགལ་གྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་དང་འབར་གས་སླ

来源:黄南州应急管理局     发布时间:2020-04-28    

ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་། བདེ་འཇགས་ཐོན་སྐྱེད་ལ་འགན་ལེན། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་། ཁོར་ཡུག་ལ་སྲུང་སྐྱོང་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དོ་དམ་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་འབར་གས་དངོས་རྫས་ཀྱི་བདེ་འཇགས་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས། ད་ལྟ་ཁྲིམས་འགལ་གྱི《ཉེན་ཡོད་དངོས་རྫས་ཀྱི་རིགས་དབྱེ་དང་དངོས་རྫས་ཀྱི་ཨང་རྟགས》ནང་གཏན་འབེབས་བྱས་པའི་འབར་གས་དངོས་རྫས་དང་། གནོན་འཁུམ་རླུང་གཟུགས་དང་གཤེར་འགྱུར་རླུང་གཟུགས། འབར་སླ་བའི་གཤེར་གཟུགས། འབར་སླ་བའི་སྲ་གཟུགས། རང་འབར་དངོས་རྫས་དང་བརླན་ཕོག་ཅིང་འབར་སླ་བའི་དངོས་རྫས། དབྱང་འགྱུར་རྫས་དང་སྐྱེ་ལྡན་དབྱང་འགྱུར་རྫས། དུག་རྫས་དང་རུལ་བསླད་དངོས་རྫས། འཕྲོ་ནུས་ལྡན་པའི་དངོས་རྫས། དམངས་སྤྱོད་འབར་གས་དངོས་རྫས། མེ་བཟོའི་ཐོན་རྫས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་ཆེད་དུ་གཏན་འབེབས་བྱས་པའི་ཉེན་ཡོད་དངོས་རྫས་བཅས་ཁྲིམས་ལྟར་རྩིས་ལེན་བྱ་རྒྱུ་དང་། ཉེན་ཡོད་རྫས་འགྱུར་དངོས་རྫས་དང་འབར་གས་སླ་བ་སོགས་ཉེན་ཡོད་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པས་། ད་ལྟ་ཁྱབ་བརྡ་བཏང་བ་གཤམ་གསལ།

1.ཁྲིམས་འགལ་གྱིས་འབར་གས་དངོས་རྫས་བཟོ་བ་དང་ཉོ་ཚོང་། སྐྱེལ་འདྲེན། གསོག་ཉར་བཅས་བྱེད་པ་དང་། གནོན་འཁུམ་རླུང་གཟུགས་དང་གཤེར་འགྱུར་རླུང་གཟུགས། འབར་སླ་བའི་གཤེར་གཟུགས། འབར་སླ་བའི་སྲ་གཟུགས། རང་འབར་དངོས་རྫས་དང་བརླན་ཕོག་ཅིང་འབར་སླ་བའི་དངོས་རྫས། དབྱང་འགྱུར་རྫས་དང་སྐྱེ་ལྡན་དབྱང་འགྱུར་རྫས། དུག་རྫས་དང་རུལ་བསླད་དངོས་རྫས། འཕྲོ་ནུས་ལྡན་པའི་དངོས་རྫས། དམངས་སྤྱོད་འབར་གས་དངོས་རྫས། མེ་བཟོའི་ཐོན་རྫས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཆེད་དུ་གཏན་འབེབས་བྱས་པའི་ཉེན་ཡོད་དངོས་རྫས་སོགས་ཉེན་ཡོད་དངོས་རྫས་རིགས།

2. འབར་གས་དངོས་རྫས་དང་། དུག་ཤེད་ཆེ་བའི་རྫས་འགྱུར་དངོས་རྫས། འཕྲོ་འགྱེད་རང་བཞིན་གྱི་དངོས་རྫས། གནོན་འཁུམ་རླུང་གཟུགས་དང་གཤེར་འགྱུར་རླུང་གཟུགས། འབར་སླ་བའི་གཤེར་གཟུགས། འབར་སླ་བའི་སྲ་གཟུགས་སོགས་ཉེན་ཡོད་དངོས་རྫས་ཁྲིམས་འགལ་གྱིས་ཉར་འཛིན་དང་། ལྐོག་ཉར། འཁྱེར་བ། བཀོལ་སྤྱོད། ཐག་གཅོད་བཅས་བྱེད་པའི་རིགས་གཏན་འགོག་བྱེད་པ།

3. གོང་གསལ་གྱི་བྱ་སྤྱོད་ཡོད་པའམ་ཡང་ན་འབྲེལ་ཡོད་གཏན་འབེབས་གཞན་དག་དང་འགལ་ན། ངེས་པར་དུ་འཕྲལ་མར་རང་འགུལ་སྒོས་ཁུལ་དང་རྫོང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས་ལ་ཡར་ཞུ་བྱས་ཏེ་འབྲེལ་ཡོད་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས། དེ་དང་ཆབས་ཅིག་ཁྲིམས་འགལ་ཉེན་ཡོད་དངོས་རྫས་དང་ཁྲིམས་འགལ་གྱིས་ཐོབ་པའི་དངོས་རྫས་རིགས་གོང་རིམ་ལ་འབུལ་དགོས། 

4.ཁྱབ་བརྡ་འདི་བཏང་བའི་ཉིན་སུམ་ཅུའི་ནང་རང་འགུལ་གྱིས་གོང་གསལ་གྱི་ཁྲིམས་འགལ་དངོས་རྫས་རིགས་སྙན་ཞུ་བྱས་པར་ཁྲིམས་ལྟར་ཆད་པ་ཇེ་ཡང་དུ་གཏོང་བའམ་ཡང་ན་ཆད་པ་མེད་པར་གཏོང་རྒྱུ་ཡིན། དུས་ལས་ཡོལ་ཏེ་ཁྲིམས་འགལ་གྱི་ཉེན་ཡོད་དངོས་རྫས་མི་སྤྲོད་པའི་རིགས་ལ་ཁྲིམས་ལྟར་གཞུང་བཞེས་གཏོང་རྒྱུ་མ་ཟད་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན། 

5.རྒྱ་ཆེའི་མང་ཚོགས་ཀྱིས་ས་གནས་དེ་གའི་འཕྲལ་རྐྱེན་མྱུར་སེལ་དོ་དམ་སྡེ་ཁག་ལ་ཉེན་ཡོད་རྫས་འགྱུར་དངོས་རྫས་དང་། འབར་སླ་བ་དང་འགད་སླ་བའི་དངོས་རྫས་སོགས་དང་འབྲེལ་བ་ཡོད་པའི་ཉེན་ཡོད་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཀྱི་ཁུངས་སྣེ་ཐེར་འདོན་བྱེད་པར་སྐུལ་ལྕག་བྱེད་པ་དང་། ཐེར་འདོན་བྱས་པ་དོན་དངོས་དང་མཐུན་ཚེ། 《བདེ་འཇགས་ཐོན་སྐྱེད་ཀྱི་ཐེར་འདོན་གོང་ཞུའི་བྱ་དགའ་སྤྲོད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་སྒོར་5000ནས་སྒོར་ཁྲི1གི་བྱ་དགའ་སྤྲོད་རྒྱུ་དང་། ཁྲིམས་འགལ་ཉེས་ཅན་སྦས་སྐུང་དང་འགེབས་སྲུང་བྱས་པར་ཁྲིམས་ལྟར་སྤྱི་བདེ་སྡེ་ཁག་ལ་རྩིས་སྤྲོད་བྱ་རྒྱུ་མ་ཟད་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ། ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱེད་པའི་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན།

རྨ་ལྷོ་ཁུལ་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས་ཀྱི་ཐེར་འདོན་ཁ་པར།   0973-8722075  0973-8721857

ཐུན་རིན་རྫོང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས་ཀྱི་ཐེར་འདོན་ཁ་པར།   0973-8722798

གཅན་ཚ་རྫོང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས་ཀྱི་ཐེར་འདོན་ཁ་པར།   0973-8732955

རྩེ་ཁོག་རྫོང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས་ཀྱི་ཐེར་འདོན་ཁ་པར།      0973-8753882

རྨ་ལྷོ་སོག་རྫོང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས་ཀྱི་ཐེར་འདོན་ཁ་པར།   0973-8762575

ཐེར་འདོན་གློག་རྡུལ་ཡིག་སྒམ། hnzajj@126.com

ཐེར་འདོན་ཡིག་བསྐུར་ས་གནས། རྨ་ལྷོ་ཁུལ་ཐུན་རིན་རྫོང་རོང་བོ་གྲོང་རྡལ་དགའ་བདེ་བྱང་ལམ་ལམ་རྒྱུད་ཀྱི་ཁུལ་སྲིད་གཞུང་ཐོག་ཁང་གསུམ་པའི་ཁུལ་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས། སྦྲག་སྲིད་ཨང་གྲངས། 811399

ཁྱབ་བརྡ་འདི་བཏང་བའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།


     2020ལོའི་ཟླ4བའི་ཚེས27ཉིན།

[责任编辑:]