现在的位置:首页 / 黄南要闻 / 部门动态

致全县广大老党员、退休老干部、卸任村干部的一封信

来源:中共尖扎县委组织部     发布时间:2022-09-25    
尊敬的老党员、退休老干部、卸任村干部:

奋斗百年路、启航新征程。金秋十月,党将迎来中国共产党第二十次全国代表大会,此次会议是在全党全国各族人民迈上全面建设社会主义现代化国家新征程、向第二个百年奋斗目标进军的关键时刻召开的一次十分重要的大会,对鼓舞和动员全党全国各族人民坚持和发展中国特色社会主义、全面建设社会主义现代化国家、全面推进中华民族伟大复兴具有重大意义。

历史见证苦难岁月,现实映照辉煌功绩。广大老党员、退休老干部、卸任村干部坚定不移听党话、跟党走,以深厚的家国情怀和强烈的责任担当披肝沥胆、攻坚克难、开拓创新。尤其是在全县新冠疫情突发和汛情形势严峻的双重“大考”中,万众一心、众志成城,带头发挥先锋模范作用,以“银发”担当有力维护了广大群众生命财产安全和社会大局稳定。

莫道桑榆晚,为霞尚满天。希望全县广大老党员、退休老干部及卸任村干部继续坚守初心使命、永葆政治本色,争做“尖扎故事”宣传者,弘扬“离岗不离党、退休不褪色”的光荣传统,围绕县委中心大局,充分发挥老同志政治、经验和威望优势,结合尖扎发展历程和自身工作经验,主动投身到宣传讲解和舆论引导工作中,讲好党的十九大以来尖扎经济社会发展故事,传承红色精神,引领广大党员、群众自觉抵制不良思想侵蚀,更加坚定永远跟党走的信心和决心,营造喜迎党的二十大良好氛围;争做“抗疫防汛”志愿者,始终坚持“人民至上、生命至上”的价值理念,带头遵守疫情防控各项规定,主动配合做好核酸检测、疫苗接种,充分发挥“银发”作用,积极融入新时代文明实践活动,以实际行动宣传抗疫防汛政策知识、守护百姓群众生命安全,力所能及地为各自所在辖区献智出力;争做“平安尖扎”守护者,持续增强安全意识、忧患意识、团结意识,积极参与社会治理和维护稳定工作,持续巩固拓展“一核三治”社会治理和民族团结进步创建成果,坚决反对分裂破坏行为,主动投身群众矛盾纠纷排查和调解工作中,深入群众讲解党的方针政策,引导广大群众坚定不移听党话、跟党走,以实际的行动迎接党的二十大胜利召开。

最后,祝广大老党员、退休老干部、卸任村干部生活幸福、健康长寿、万事如意!

中共尖扎县委组织部

2022年9月23日

རྫོང་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་རྒན་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ། ལས་འཁྱུར་ངལ་གསོ་བྱས་པའི་སྡེ་བའི་ལས་བྱེད་པ་བཅས་ལ་སྤྲིངས་པའི་འཕྲིན་ཡིག 
གུས་པར་འོས་པའི་ཏང་ཡོན་རྒན་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ། ལས་འཁྱུར་ངལ་གསོ་བྱས་པའི་སྡེ་བའི་ལས་བྱེད་པ་རྣམ་པ་ལགས།།     

ལོ་ངོ་བརྒྱ་ལ་འབད་པས་བསྐྱོད། ལམ་བུ་གསར་བར་རྒྱང་སྐྱོད་བྱེད། ཟླ་བཅུ་པ་ནི་ལོ་ལེགས་ཀྱི་དུས་ཚིགས་ཤིག་ཡིན་ཏེ། སྐབས་འདིར་རང་རེའི་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུས་བྱུང་སྟེ། ཐེངས་འདིའི་གྲོས་ཚོགས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་བསྐྱོད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་ཀྱི་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩར་ཐུག་པའི་དུས་སྐབས་སུ་སྐོང་འཚོག་བྱེད་པའི་ཚོགས་ཆེན་གལ་འགངས་ཆེ་བ་ཞིག་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ།    ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་སྐུལ་ལྕག་དང་སྐུལ་སློང་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།     

དཀའ་ཚེགས་ཀྱི་ལོ་ཟླ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཤིང་། ངོ་མཚར་གྱི་བྱས་རྗེས་དངོས་ཡོད་ཀྱི་འཚོ་བའི་ནང་གསལ་ལེར་མངོན།  རྒྱ་ཆེའི་ཏང་ཡོན་རྒན་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ། ལས་འཁྱུར་ངལ་གསོ་བྱས་པའི་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་ནས་ཏང་གི་རྗེས་སུ་འབྲང་དགོས་པ་དང་།  གཏིང་ཟབ་པའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་། འགན་འཁྲིའི་འདུ་ཤེས་ཟབ་མོ་ཡིད་ལ་བཅངས་ནས་ནུས་ཤུགས་ཡོད་རྒུ་འདོན་པ་དང་། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད་བཅས་བྱེད་དགོས། ལྷག་པར་དུ་རྫོང་ཡོངས་ཀྱི་པྲོག་གསར་རིམས་ནད་དང་ཆུ་ལོག་འགོག་སྲུང་གི་དཀའ་གནད་ཆེན་པོ་གཉིས་ཀྱི“ཉམས་སད”ཀྱི་ཁྲོད་ནས། རྡོག་རྩ་གཅིག་ཏུ་བསྒྲིལ་ནས་གདོང་ལེན་དང་དཔེ་ལེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེ་བའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་བཅས་ལ་སྲུང་སྐྱོབ་ནུས་ལྡན་བྱ་དགོས།     

རྒས་འཁོགས་ཀྱི་ཚེ་ལོ་མཐར་ཕྱིན་ཡང་། གཞན་ཕན་གྱི་འོད་སྣང་སྔར་ལྟར་འགྱེད། རྫོང་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་རྒན་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ། ལས་འཁྱུར་ངལ་གསོ་བྱས་པའི་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་མུ་མཐུད་དུ་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ཏེ། ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་པ་དང་།     “གཅན་ཚའི་གཏམ་རྒྱུད”ཀྱི་དྲིལ་སྒྲོག་པ་ཞིག་བྱས་ཏེ། “ལས་བྲལ་བྱས་ཀྱང་ཏང་དང་མི་འབྲལ་བ་དང་།  ལས་འཁྱུར་བྱས་ཀྱང་རང་མདངས་མི་ཉམས”པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བྱེད་དགོས་པ་མ་ཟད། རྫོང་ཨུའི་ལྟེ་བའི་ཁྱོན་ཡོངས་ལ་དམིགས་ནས། བློ་མཐུན་རྒན་པའི་ཆབ་སྲིད་དང་ཉམས་མྱོང་། སྙན་གྲགས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གཅན་ཚ་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་རང་ངོས་ཀྱི་ལས་ཀའི་ཉམས་མྱོང་གཉིས་ཟུང་དུ་འབྲེལ་ནས། རང་འགུལ་གྱིས་དྲིལ་བསྒྲགས་འགྲེལ་བཤད་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་ཀའི་ནང་ཞུགས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། གཅན་ཚའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྒྲོག་བཤད་ལེགས་པོ་བྱེད་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། རྒྱ་ཆེ་བའི་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་རྟོགས་ངང་བསམ་བློའི་བསླད་སྐྱོན་བཀག་འགོག་བྱས་ནས།  ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་བཏང་སྟེ། དགའ་སྤྲོའི་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས།     “ནད་ཡམས་འགོག་སྲུང”གི་དང་བླངས་པ་བྱས་ཏེ།  ཐོག་མཐའ་བར་གསུམ་དུ“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད”པའི་རིན་ཐང་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་བྱེད་པར་སྣེ་ཁྲིད་དེ། རང་འགུལ་ངང་ཉིང་སྐྱུར་བརྟག་དཔྱད་དང་འགོག་ཁབ་རྒྱག་པར་རམ་འདེགས་བྱེད་པ་དང་། དུས་རབས་གསར་བའི་ཤེས་དཔལ་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་གིས་ཞུགས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་འགོག་སྡོམ་དང་ཆུ་ལོག་འགོག་སྲུང་གི་སྲིད་ཇུས་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་རང་རང་སོ་སོའི་ཁོངས་གཏོགས་ཁུལ་ལ་ནུས་ཤུགས་འདོན་དགོས། “བདེ་འཇགས་ཀྱི་གཅན་ཚའི”སོ་སྲུང་པ་བྱས་ནས། བདེ་འཇགས་ཀྱི་འདུ་ཤེས་དང་། སེམས་ཁྲལ་གྱི་འདུ་ཤེས། མཐུན་སྒྲིལ་གྱི་འདུ་ཤེས་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་ཀར་ཧུར་ཐག་གིས་ཞུགས་ཏེ།     “སྲོག་གཅིག་སྐྱོང་གསུམ”གྱི་སྤྱི་ཚོགས་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་།  ཁ་ཕྲལ་གཏོར་བཤིག་གི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། རང་འགུལ་གྱིས་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་རྩད་ཞིབ་དང་འདུམ་འགྲིག་བྱེད་པའི་ལས་ཀའི་ནང་ཞུགས་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གསལ་འགྲེལ་བྱེད་པ་དང་། རྒྱ་ཆེ་བའི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱེད་དགོས། མཇུག་མཐར་ཁྱེད་རྣམས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ཞིང་། ནད་མེད་ཚེ་རིང་ཡོང་བ་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།     

ཀྲུང་གུང་གཅན་ཚ་རྫོང་ཨུའི་རྩ་འཛུགས་པུའུ་ནས། 

2022ལོའི་ཟླ9ཚེས23ཉིན།

[责任编辑:亚君]